[000]༄༅། །དྲུག་ཅུ་པའི་རྩ་ཚིག་ཞ་ལུ་བ་ཆེན་པོས་མཛད་པ་བཞུགས་སོ།། [001A] །ན་མོ་བཛྲ་བཧཻ་ར་ཝཱ་ཡ། རབ་ཡངས་མགྱོགས་འགྲོ་དྷཱུ་ཏཱིའི་ལྕགས་སྣོད་དུ། །རབ་བརྗིད་འབྲུ་ནག་ཁམས་གསུམ་གཏོར་ཚོགས་ནི། །རབ་གཏུམ་མཚམས་སྤྲིན་གོས་ གྱོན་ཡེ་ཤེས་མཆོག་མ་རིག་འཁྲུལ་འཇོམས་གཤིན་རྗེའི་གཤེད་ལ་འདུད། །དེ་ཉིད་མཉེས་བྱ་དངོས་གྲུབ་གཏེར་བཟུང་ནས། །མན་ངག་གསུམ་གྱི་གཏེར་སྒོ་ལེགས་ཕྱེ་སྟེ། །ཕན་བདེའི་ དཔལ་འབྱོར་རྒྱས་མཛད་ཙོང་ཁ་བ། །མཉམ་མེད་ཡབ་སྲས་རྣམས་ལ་གུས་བས་འདུད། །སྦྱིན་སྲེག་མན་ངག་རྗེ་བཙུན་བླ་མ་དང། །འཕྲུལ་འཁོར་མན་ངག་སྲས་ཀྱི་ཐུ་བོས་བཀོད། །དེ་ ལྟ་ན་ཡང་གཏོར་ཆེན་དྲུག་ཅུ་པའི། །སྔོན་ཆང་ཕྱོགས་འདིར་ཡིག་ཆུང་བཀོད་པ་ཀུན། །དཀྱིལ་འཁོར་ཆོ་ག་རྡོ་རྗེ་ཕྲེང་བ་ཡི། །ཕྱི་རོལ་རྒྱས་པའི་གཏོར་འབུལ་ཇི་བཞིན་བཀོད། །རྒྱ་ [002A]༄༅། །མཚོའི་མཐའ་མར་བཀྲེས་ལྡན་ཇི་བཞིན་དུ། །རྒྱུད་དོན་མན་ངག་ཟབ་མོས་ཕོངས་པ་འགས། །ཞྭ་དཔེ་ལྷམ་ལ་བཀབ་པ་འདི་གཟིགས་ནས། །བདག་ལ་ཚུལ་འདི་ཁྱོད་ལ་གཏད་ དོ་ཞེས། །བཀའ་ཡི་ཁུར་གནང་ཡི་གེར་བཀོད་པ་ལ། །གནས་གསུམ་མཁའ་འགྲོ་ཕྱི་ནང་གསང་བ་ཡི། །གཤིན་རྗེའི་ཚོགས་ཀྱིས་བཟོད་པར་མཛད་དུ་གསོལ། །དུར་ཁྲོད་མཚན་གཅིག་གྲོང་སོགས་ སུ༑ ༑དངོས་སམ་གྲངས་མཉེས་རྣལ་འབྱོར་པས། །ཞི་དང་རྒྱས་དང་དབང་རྣམས་དང། །བསང་སྐྲད་དབྱེ་སོགས་བརྩམ་པར་བྱ། །རྡུལ་ཚོན་རྡོ་རྒྱུས་རོ་སོལ་དང། །འབྲུ་བཅུད་བདུད་རྩི་མངར་གསུམ་ དང། །སྨན་དང་རིན་ཆེན་འབྲུ་སྣ་དང། །ཤ་ཁྲག་ཕྱེ་སོགས་སྟ་གོན་བྱ། །ཟླུམ་ཞིང་གསུམ་ནང་བཅུ་དྲུག་རྩིབས། །ལྟེ་བར་ལྷ་ཡི་དཀྱིལ་འཁོར་བྱ། །རྩིབས་གདན་ཕྱོགས་བདག་རྩིབས་གཤིན་རྗེ། །ཡང་ ན་རྩིབས་ལ་མཉམ་དུ་དགོད། །ལོ་ཟླ་ཞག་གི་དབྱུ་གུ་ཡིས། །རྒྱས་འབྲིང་བསྡུས་པའི་དབྱེ་བར་འགྱུར། །རྒྱས་པ་རྒྱལ་པོའི་མཁར་བཞིན་བརྩིག་འབྲིང་པོ་བཙུན་མོའི་ལྕགས་མཁར་བཞིན། །བསྡུས་ [002B] །བརྒྱད་དང་བཅུ་གཉིས་བཅུ་དྲུག་གི་འཁོར་ལོ་གསུམ་དང་ལྕགས་མཁར་ཆེ། །ཀླུ་ཕྱོགས་ཉི་མ་ཚེས་རྣམས་བརྩེག་ཁ་སྐོང་དང་བཅས་རེ་རེ་ཡང། །དྲུག་ཅུ་བཞི་རུ་དབྱེ་བར་བྱ། །དེ་ཡིས་ལོ་ ཡི་དབྱུ་གུར་འགྱུར། །ཁྱིམ་འཁོར་སྤངས་པ་གོང་བཞིན་ལ་རིག་བྱེད་དུས་དང་ཀླུ་རྣམས་བརྩེག་ཡང་ན་རྒྱལ་པོ་གནས་ས་བརྩེག་རེ་རེའང་བཅུ་དྲུག་བཞིར་དབྱེ་བས། །ཟླ་བའི་དབྱུ་གུའི་གྲངས་སུ་འགྱུར། །སྟེང་ དུ་ཕུང་གདབ་གཏོར་མ་ནི། །ཐོད་དབྱུག་རྡོ་རྗེའི་རྩེ་མོ་ཅན། །སོ་བདུན་ཉེར་གསུམ་བཅུ་གཅིག་གཅིག་སྟེང་དུ་ཐོད་པའི་བ་གམ་དང། །ཀེང་རུས་རྒྱུ་མ་མི་རོ་ཡི། །རྒྱལ་མཚན་བ་དན་བསྒྲེང་བར་བྱ། །ཧོཾ་ཁུང་ཉེར་ གསུམ་བཅུ་གཅིག་ཏུ། །ལིང་ག་རྣམ་ཤེས་སྒྲོན་མེ་གཞུག་འཇུག་པ་གཅིག་པའི་རྣལ་འབྱོར་གྱིས། །བདག་དང་དཀྱིལ་འཁོར་བསྒྲུབ་པར་བྱ། །ལས་མཐུན་བསྒྲུབ་བྱ་བཀུག་ནས་ནི། །ཕྲིན་ལས་བཞི་ཡི་ལས་ སྦྱོར་བྱ། །ཚིམ་དང་ལས་སྦྱོར་ཕུར་གདབ་རྣམས། །བདུད་རྩི་ལྕགས་མཁར་ལྷ་རྣམས་སུ། །ཕྱི་དང་ནང་གི་འབྲུ་གསུམ་གྱིས། །ཡང་ཡང་ནན་ཏན་བྱིན་རླབས་བྱ། །རྩ་སྔགས་རྒྱལ་པོས་བཅོམ་ལྡན་མཆོད། །ཉེ་ སྙིང་གཤིན་རྗེའི་ཚོགས་རྣམས་ལ། །སྙིང་པོས་ཕྱོགས་བདག་ལ་ཕུལ་ནས། །ལས་མཐུན་ཕྱི་ནང་མཆོད་པས་མཆོད། །ལས་མཐུན་སྤེལ་ཚིག་སྦྱར་བ་ཡིས། །གནད་བསྐུལ་ཕྲིན་ལས་དྲག་ཏུ་བཅོལ། །འདེགས་ [003A]༄༅། །དང་དབུལ་དང་གཞུག་པ་སོགས། །མན་ངག་རྒྱས་པར་ཞལ་ལས་ཤེས། །གཙང་ཡུལ་ཁྱུང་རུས་སྔགས་འཛིན་དབང། །དགེ་སློང་སཱ་དཧུ་དཧྭ་ཛ་ཡིས། །འབྲོག་རི་ཆེན་པོ་དགེ་ལྡན་ཞེས། །རྣམ་ པར་རྒྱལ་བའི་གླིང་མཆོག་ཏུ། །མདོར་བསྡུས་ཡི་གེར་བཀོད་པའོ། །མན་ངག་རིན་ཆེན་འབྱུང་གནས་ལས། །བདག་བློ་ཕྲ་མོའི་སྐྲ་རྩེ་ཡིས། །ལེགས་བཟུང་བདུད་རྩིའི་ཐིགས་པ་འདི། །རི་དབང་ཉི་ཟླ་མཁའ་བཞིན་ དུ༑ ༑སྐྱེ་དགུའི་དཔལ་དུ་རྒྱས་གྱུར་ཅིག་འདི་པཎ་ཆེན་གོང་མའི་གསུང་མ་ཡིན་ཀྱང་དྲུག་ཅུ་པའི་གཏོར་ཆོག་ལ་མཁོ་བས་སྡེབས་མཚུངས་སུ་བཀོད་པའོ།། །།མངྒལཾ་